Read more
  • March 15, 2024
  • 0

With reference to the announcement on the website : tcvbyl.net on 24th October 2023, we the School management would like to bring to your kind notice...

Read more
  • April 22, 2024
  • 0

Earth Day is an annual event on April 22 to demonstrate support for environmental protection. Last year, on earth day we have launched the project of...

Read more
  • April 15, 2024
  • 0

ངེས་སྟོན་པ་འཕོ་ལེན་གྱི་མཛད་སྒོ། ད་རིང་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༥ རེས་གཟའ་པ་སངས་དགེ་བའི་ཉིན། བོད་ཕྲུག་ཁྱིམ་སྡེའི་དབུས་སྤྱི་ཁྱབ་ཡིག་ཚང་གི་བཀའ་འབྲེལ་ལྟར། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་ངེས་སྟོན་པ་རྒན་དོན་གྲུབ་ཚེ་རིང་མཆོག་བགྲེས་ཡོལ་དུ་ཕེབས་རྒྱུའི་ཚབ་ཏུ་སློབ་གྲྭའི་རྩིས་པ་བགྲེས་པ་རྒན་ཚེ་རིང་རྡོ་རྗེ་ལགས་བསྐོ་གཞག་གནང་པའི་ངེས་སྟོན་པ་གསར་རྙིང་འཕོ་ལེན་གྱི་མཛད་སྒོ་ཚུགས་ཤིང་། སྐབས་དེར་བོད་ཕྲུག་ཁྱིམ་སྡེའི་དབུས་སྤྱི་ཁྱབ་ཡིག་ཚང་གི་དྲུང་ཆེ་རྒན་ཆོས་དབྱིངས་དོན་གྲུབ་མཆོག་དང་། ནང་ཞིབ་རྩིས་པ་རྒན་པ་སངས་ཚེ་རིང་ལགས་གཉིས་ཀྱང་མཛད་སྒོར་ངོ་བཅར་ཞུས་ཡོད། སློབ་གྲྭའི་ངེས་སྟོན་པ་ཟུར་པ་རྒན་དོན་གྲུབ་ཚེ་རིང་མཆོག་ནི། དམའ་རིམ་དང་གཞི་རིམ་ཤེས་ཡོན་སློབ་སྦྱོང་མ་སུ་རི་བུ་ཁྱིམ་ནས་གནང་ཞིང་། སྐབས་དེར་ཕ་མ་འདས་གྲོངས་སུ་གྱུར་ཟིན་པས་ཧ་ཅང་གི་དཀའ་ངལ་ཆེན་པོ་ཡོད་རུང་། སློབ་སྦྱོང་ལ་འབད་པ་ཧུར་བསྐྱེད་ཀྱིས་སྦྱངས་བརྩོན་ལྷོད་མེད་གནང་འབྲས་སུ་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ལེགས་པར་སོན་ཏེ་སྒྲིག་གཞི་ལྟར་དམག་མིར་སྒྲིག་ཞུགས་བྱས། འོན་ཀྱང་བོད་རྒྱལ་ཁབ་དང་བོད་པའི་སྤྱི་ཚོགས་སུ་ཤེས་རིག་ཐོག་ནས་ཞབས་འདེགས་ཞུ་རྒྱུ་དེ་བས་གལ་འགངས་ཆེ་བར་གཟིགས་ནས་མཐོ་རིམ་སློབ་སྦྱོང་དང་འབྲིང་རིམ་དགེ་རྒན་འོས་སྦྱོང་བཅས་རིམ་པས་གནང་སྟེ་སློབ་མཐར་ཕྱིན་རྗེས། སེམས་ཁོངས་སུ་བོད་རྒྱལ་ཁབ་དང་མི་རིགས་ལ་ཞབས་ཕྱི་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་གཤིས་ཐོག་མར་མ་སུ་རི་བུ་ཁྱིམ་དང་དྷ་ས་བོད་ཁྱིམ་གཉིས་སུ་ལས་འཁུར་ཞུ་རྒྱུའི་སྙན་ཞུ་ཕུལ་འདུག་ཀྱང་། དྷ་ས་བོད་ཁྱིམ་ནས་འབྲེལ་བ་གནང་སྟབས་སྐབས་དེར་ལ་དྭགས་བོད་ཁྱིམ་སློབ་གྲྭར་ཚད་ལྡན་གྱི་དགེ་རྒན་དགོས་མཁོ་ཆེ་བས་སྐུའི་གཅུང་མོ་རྗེ་བཙུན་པདྨ་མཆོག་གིས་ལམ་སྟོན་ཕེབས་དོན་ལྟར་ལ་དྭགས་བོད་ཁྱིམ་དུ་ལས་འཁུར་ཞུས། ལ་དྭགས་བོད་ཁྱིམ་དུ་ལོ་ངོ་བཅིུག་རིང་ལས་འཁུར་ཞུས་མཐར་དགེ་ཆེ་ཕྱག་རོགས་སུ་བསྐོ་བཞག་གནང་ཞིང་། དེའི་རྗེས་བོད་ཁྱིམ་དབུས་སྤྱི་ཁྱབ་ལས་ཁུངས་ཀྱི་བཀོད་ཁྱབ་སྤྱི་བོར་བཟུང་སྟེ་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭར་དགེ་རྒན་ཆེན་མོའི་ལས་འཁུར་བཞེས་ཏེ་ཐེམ་པ་རིམ་འཛེགས་ཀྱིས་སློབ་སྤྱི་དང་ངེས་སྟོན་པ་བཅས་ཀྱི་ཕྱག་ལས་རྒྱུན་རིང་གནང་རིང་རང་བབས་འོས་འགན་བཞེས་ཕྱོགས་ཐད་འབྲེལ་ཡོད་དགེ་ལས་ཀུན་གྱི་མིག་དཔེར་གྱུར་པ་ཞིག་ལགས། རྒན་དོན་གྲུབ་ཚེ་རིང་མཆོག་གི་སྐུ་ཚེའི་སྙིང་པོ་ལྟ་བུའི་ལོ་ན་གཞོན་པའི་དུས་སྐབས་ནས་ད་ལྟ་བགྲེས་ཡོལ་ཕེབས་པའི་བར་དུ་ལོ་ངོ་བཞི་བཅུ་ཞེ་གཅིག་རིང་བོད་ཕྲུག་ཁྱིམ་སྡེའི་ཚོགས་པར་ཞབས་ཕྱི་ཞུས་ཏེ་རླབས་ཆེན་གྱི་ཕྱག་རྗེས་བཞག་གནང་པ་ཀུན་གྱིས་ཡིད་སྨོན་བྱེད་གཞིར་གྱུར་པ་ནི་འདས་པ་དང་ད་ལྟའི་འབྲེལ་ཡོད་དགེ་ལས་སློབ་ཕྲུག་རྣམས་ལ་ཉི་ཤར་སྦར་མོས་མི་ཁེབས་པའི་དཔེ་ལྟར་གྱུར་ཡོད། ཁོང་ཉིད་སྦེལ་ཀོབ་བོད་ཁྱིམ་དུ་སློབ་སྤྱི་གནང་རྒྱུན་རིང་། ཚོང་རིག་སྡེ་ཚན་གྱི་འཛིན་རིམ་བཅུ་གཉིས་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་བསྟུད་མར་ཧ་ཅང་བཟང་པོ་བཏོན་ཡོད་པ་མ་ཟད། དུས་ཕྱིས་ཚན་རིག་སྡེ་ཚན་ཡང་སྦེལ་ཀོབ་ཏུ་གནས་སྤོས་ཀྱིས་ད་བར་ཡིག་རྒྱུགས་གྲུབ་འབྲས་ཀུན་གྱིས་ཡིད་སྨོན་བྱེད་གཞིར་གྱུར་པ་ནི་རང་ཅག་ཀུན་ལ་ལྐོག་གྱུར་གྱི་གནས་ཤིག་མ་ལགས། ལྷག་དོན་བོད་ཁྱིམ་ཡན་ལན་སློབ་གྲྭ་ཁག་ནས་འཛིན་རིམ་བཅིུག་བཅིུས་སློབ་ཕྲུག་མང་པོ་དུས་གཅིག་ལ་སྦེལ་ཀོབ་བོད་ཁྱིམ་དུ་འཛོམས་ཏེ་སྒྲིག་འཛུགས་ཐད་དཀའ་ངལ་ཆེན་པོ་འཕྲད་རྒྱུའི་ཉེན་ཁ་ཡོད་རུང་ད་བར་བཟློག་ཐབས་བྲལ་བའི་སྒྲིག་འཛུགས་ཀྱི་དཀའ་ངལ་དམིགས་བསལ་ཅན་མ་ཕྲད་པ་ནི་རྒན་དོན་གྲུབ་ཚེ་རིང་མཆོག་གི་འཇིགས་ཞུམ་མེད་པར་བློ་སྤོབས་ཆེན་པོས་དུས་བསྟུན་གོ་སྐོན་ལམ་སྟོན་ཕེབས་པའི་འབྲས་བུ་འབའ་ཞིག་ཏུ་མངོན།...

Read more
  • March 19, 2024
  • 0

The long-awaited inauguration of the enchanting Book & Biscuit room in the junior section was a resounding success. Students thoroughly enjoyed exploring the new space, immersing...